ང་བཅས་ཀྱི་སྐོར་ལས།

ང་བཅས་ཀྱི་ འབྲུག་པའི་མི་སེར་ཚུ་གི་ཐ་དོན་ལུ་ཕྱག་ཞུ་འདི་ ལོ་ངོ་བཅུ་ཕྲག་ ༢ ཙམ་ལྷག་ཡོདཔ་མ་ཚེད་ ང་བཅས་ལུ་རྒྱབ་སྐྱོར་གནང་མི་དང་ཞབས་ཏོག་ལེན་མི་ སྙིང་སྟོབས་ཅན་གྱི་ ཁེ་ཕན་སྤྱོད་མི་ མི་སྡེ་སྟོང་ཕྲག་བཅོ་ལྔ་ ལྷག་ཙམ་ཡོད་པའི་ནང་ལས་ འབྲུག་རྒྱལ་ཁབ་ནང་ ཨེས་ཡུ་ཝི་དང་ པིག་ཨབ་སྣུམ་འཁོར་ཡན་ལག་ཚུ་ནང་དྲག་ཤོས་ཀྱི་མིང་གཏམ་དང་ངོ་རྟགས་ཡང་འཐོབ་ནི་ལུ་ཕན་ཐོགས་འབྱུང་སྟེ་ཡོད། མ་ཧིན་ད་ར་གིས་ཡང་བསྐྱར་དུ་ ཚོང་བསྒྲགས་འབད་ནིའི་དོན་ལུ་སྣུམ་འཁོར་ཆེ་བ་དང་ཆུང་བ་ཚུ་ དུས་ཨ་རྟག་རང་བཀྲམ་སྤེལ་འབད་དེ་ དགོས་མཁོ་ཆེ་བའི་ཅ་ཆས་ཚུ་ཕར་ཚུར་སྐྱེལ་འདྲེན་འབད་ནི་ལུ་ ཕན་འདེབས་ཆེཝ་མ་ཚེད་ མི་སེར་གྱི་འཚོ་བའི་གནས་སྟངས་ལུ་ཁེ་ཕན་སྦོམ་འབྱུང་འདི་ཡོད། །

དུས་རྒྱུན་དུ་ འབྲུག་རྒྱལ་ཁབ་འདི་ ང་བཅས་ཀྱི་རྒྱལ་སྤྱིའི་ཚོང་འབྲེལ་ཡར་སྐྱེད་བཏང་ཐབས་ལུ་ གལ་གནད་ཅན་དང་ཐབས་ཤེས་ཅན་གྱི་ཡན་ལག་རྩ་ཅན་ཅིག་སྦེ་རྩིས་ཏེ་ཡོད། འདི་འབད་ནི་འདི་གིས་ ང་བཅས་ཀྱི་ཚོང་འབྲེལ་འདི་ མ་འོངས་པ་ལུ་ རྒྱ་བསྐྱེད་སྦོམ་གཏང་ནིའི་དམིགས་གཏད་བསྐྱེད་དོ་ཡོདཔ་ལས་སྟེན་ སེང་གེ་ལས་སྡེ་དང་ཅིག་ཁར་ མཉམ་འབྲེལ་འཕྲོ་མཐུད་འབད་དེ་ རྒྱལ་སྤྱིའི་མིང་གཏམ་འདི་ འབྲུག་ནང་འཁོད་དར་ཁྱབ་གཏང་སྟེ་ འབྲུག་མི་རེ་རེ་གིས་ དགོས་མཁོ་དང་རེ་འདོད་ཚུ་ བསྐོང་ཚུགས་པའི་རེ་བ་ཨིན།

སེང་གེ་ལས་སྡེ་འདི་ འབྲུག་ནང་ཁྱོད་ རྫོང་ཁག་ཉི་ཤུ་ དྲུང་ཁག་བཅོ་ལྔ་ རྒེད་འོག་གཉིས་བརྒྱ་ལྔ་དང་སྤྱི་འོག་ 1044 ནང་འགྲུལ་འཁོར་འཐལ་བའི་ལམ་བརྒྱ་ཆ་ 70% དེ་ཅིག་ཡོད་པའི་ནང་ རྒྱ་ཆེ་དྲགས་ཁྱབ་སྟི་ཡོད་པའི་ལས་སྡེ་ཅིག་ཨིན།

རང་འགུལ་འཕུལ་འཕྲུལ།

སྒེར་དོན་ཕན་པའི་སྣུམ་འཁོར། ཚོང་འབྲེལ་གྱི་སྣུམ་འཁོར་ཆུང་ཀུ་དང་དོ་སྐྱེལ་སྣུམ་འཁོར་ཆུང་བ།

རང་འགུལ་འཕུལ་འཕྲུལ།

ཚོང་འབྲེལ་གྱི་སྣུམ་འཁོར་ཆུང་བ། བར་མ་དང་སྦོམ།

བཟོ་སྐྲུན་གྱི་མཁོ་ཆས།

ཅ་ལ་བཀལ་མིའི་ས་རྐོ་སྣུམ་འཁོར།
འཕྲུལ་ཨམ་གི་སྤུས་ཚད་བལྟ་མི།

བཀྲབ་སྤེལ་བའི་སྐོར་ལས།

སེང་གེ་ལས་སྡེ།

སེང་གེ་ལས་སྡེ་འདི་ མ་ཧིན་ད་ར་དང་འབྲེལ་བའི་འཐོན་སྐྱེད་ཚུ་ བཀྲམ་སྤེལ་འབད་ནི་ལུ་ ཆ་འཇོག་ཡོད་པའི་ལས་སྡེ་ཅིག་ཨིན།

ལོ་ངོ་ཁལ་ཅིག་གི་སྔ་གོང་ལུ་ ལས་སྡེ་འདི་གིས་ མ་ཧིན་ད་ར་འདི་འབྲུག་ལུ་ཀ་མན་ཌར་དང ་ཨཱར་མ་ཌ་གཉིས་མཉམ་འགོ་བཙུགས་ཡོདཔ་དང་ ད་རིས་ལས་སྡེ་འདི་ སྣུམ་འཁོར་ཆུང་བ་ ཚོང་འབྲེལ་འཐབ་ནི་ལུ་དྲགོས་ཅིག་ལུ་འགྱུར་ཏེ་ཡོདཔ་མ་ཚད་ མཁོ་ཆེ་སྣུམ་འཁོར་ཚུ་ཡང་བཀྲམ་སྤེལ་འབད་དེ་ མ་ཧིན་ད་ར་གི་ཐོན་རྣམ་འདི་འབྲུག་ལུ་ དར་ཁྱབ་སྦོམ་སྦེ་རང་གཏང་འདི་ཡོདཔ་ཨིན།