སྤྱིར་བཏང་བསམ་འཆར།

ཆ་གནས་ཡོད་པའི་ ཕོ་སྐྱེས་ཚུ་ དབྱེ་བ་མ་འདྲཝ་ཡོདཔ་མ་ཚད་ ཁོང་གི་ བབ་བརྗིད་དང་ཡོངས་གྲགས་ཡང་ སོ་སོ་འོང་བའི་ཁར་ ཕན་ཚུན་མཉམ་འབྲེལ་ཡང་འབད་ནི་མེདཔ་ཨིན། དེ་འབདཝ་ལས་ དམིགས་བསལ་དུ་ ང་བཅས་ཀྱི་ བོ་ལེ་རོ་ཀེམ་པར་འདི་ བཟོ་བའི་སྐབས་ལུ་ བབ་བརྗིད་དང་ཡོངས་གྲགས་ཡོད་པའི་ ཕོ་སྐྱེས་ཚུ་སེམས་ཁར་བཞག་སྟེ་བཟོ་སྐྲུན་སྦེ་འབདཝ་ཨིན། སྣུམ་འཁོར་བོ་ལེ་རོ་ཀེམ་པར་འདི་ ཐུན་མོང་མ་ཡིན་པའི་བདེ་ཉམས་ མཛེས་ཆ་དང་ལྡན་པའི་བཟོ་རྣམ་ ནུས་ཤུགས་དང་ལྡན་པའི་འཐེན་ཐངས་ཚུ་ འོས་འབབ་དང་ལྡན་པའི་མི་ལུ་ འོས་འབབ་དང་ལྡན་པའི་སྣུམ་འཁོར་སྦེ་བཟོ་བཟོཝ་ཨིན།

ཡོངས་འབྲེལ་གྱི་གནས་ཤོག་ཕབ་ལེན་འབད།

ཁྱད་གནད།

ཁ་གསལ།

ཚད་གཞི། བོ་ལེ་རོ་ཀེམ་པར། ཁྱད་དངོས།
ཁྱད་དངོས། ZX/VX 2ཌབ་ལུ་ཌི།/4ཌབ་ལུ་ཌི།
འཕྲུལ་ཨམ། འཕྲུལ་ཨམ། MDI 3200TC H Opt. MDI 3200TC W Opt. MDI TC V
འཕྲུལ་ཨམ་གྱི་དབྱེ་བ། ཌི་ཨའི་ཏྲར་བོ་ གློག་ནུས་བཙུགས་ཡོདཔ།
ནུས་ཚད། 2523 cc
འཐོན་བསྐྱེད་མཐོ་ཤོས། 46.3 kW @ 3200 r/min
ཊོརཀ་མཐོ་ཤོས། 195 Nm @ 1400 – 2200 r/min
སྤོ་བཤུད་དང་འཁོར་བསྐྱོད་ཐིག ཀལཱཆ། སྡེར་རྐྱང་སྐམ་གྱི་ཀལཱཆ།
འཐེན་སོ་སྒྲོམ། རྒྱུག་ཤུགས་ 5 ག་ར་དུས་མཉམ་བཟོ་ཡོདཔ། གོང་དུ་ 5 རྒྱབ་ཏུ་ 5
བསྒྱིར་འཁོར་དབྱེ་བ། ནུས་ཤུགས།
དཔྱང་དཔྱངཔ། གདོང་ཁར། འཕར་ལྕགས་སྒོར་མོ། འཁོར་ཤིང་ས་དྲགས་བཅས་ འདབ་ལྕགས།
རྒྱབ་ཁར། འཁོར་ཤིང་ས་དྲགས་བཅས་ འདབ་ལྕགས།
ཤོག་ཨོབ་ཟར་བར། ལོག་ལྟབ་ཆུར་བརྟེན་འཕྲུལ་ཆས་ རྒྱང་ཤེལ་གྱི་དབྱེ་བ།
བཀག་ཆས། གདོང་ཁར། སྒོར་ལེབ་བཀག་ཆས།
རྒྱབ་ཁར། རྔ་འདྲ་བཀག་ཆས།
འཁོར་ལོ། འཁོར་ལོའི་དབྱེ་བ། འཁྱིར་དུང་། ༼ དངུལ་འཁོར་ཁྱད་དངོས་ཀྱི་དོན་ལུ་འཁྱིར་དུང་མེད༽
རིམ་ཆེ་ཆུང་། 6.0 J X 15
འཁོར་ལོ་ཆེ་ཆུང་། P235/75 R15
ས་སྣུམ་བླུགས་མཛོད་ཤོང་ཚད་ ༼ལི་ཊརས༽ 57
རྒྱ་ཁྱོན། འཁོར་ལོའི་གཞི་འགྱམ། 3014
གདོང་ཁའི་རྒྱུག་ལམ།  1443
རྒྱབ་ཁའི་རྒྱུག་ལམ། 1335
ཡོངས་ཁྱབ་ L x W x H 4859 x 1670 x 1855
ཕྱི་ཁའི་ཀར་གོ་སྒྲོམ་གྱི་རྒྱ་ཁྱོན། 1481 X 1532 X 750
ས་ལས་སེལ་ཚད་ཉུང་མཐའ། 185 (དངུལ་འཁོར་ཁྱད་དངོས་ཀྱི་དོན་ལུ་ 191 mm)
ལྗིད་ཚད། ཀརབ་ལྗིད་ཚད་ ༼ཀེ་ཇི༽ 1710 2 ཌབ་ལུ་ཌི།- 1675
4ཌབ་ལུ་ཌི། – 1770
ཇི་ཝི་ཌབ་ལུ། 2710 2710
ཁུར་ཆ ༼ཀེ་ཇི༽ 1000 2ཌབ་ལུ་ཌི། – 1035
4ཌབ་ལུ་ཌི། – 940
འགྲུལ་མི་ཤོང་ཚད། D+4
ཉེན་ལེན། 1 year/20000 km
ཡར་འཐེན་ཁྱད་གནད།
ཁྱད་གནད། ཀེམ་པར་ ZX ཀེམ་པར་ 2WD/4WD
མདུན་ཁྲི། Faux གི་པགས་པ། རས་ཆ། རས་ཆ།
རྒྱབ་ཁྲི། Faux གི་པགས་པ། Fabric རས་ཆ།
ཨེ་སི། ཨིན། ཨིན། མེན།
གློག་ཤུགས་ཅན་གྱི་བསྒྱིར་འཁོར། ཨིན། ཨིན། ཨིན།
གློག་ཤུགས་ཅན་གྱི་སྒོ་སྒྲིག ཨིན། མེན། མེན།
སྤྱིར་བཏུབ་ལྡེ་མིག ཨིན། མེན། མེན།
འཐིང་གཞི་གུར་འཕྲུལ་ཆ་ཚུ་བསྐུལ་སྤྱོད་འབད་ནིའི་གློག་རྟའི་སྒྲོམ། ཨིན། མེན། མེན།
ཨི་ཨཱེལ་ཨཱར་གྱི་བསྡམ་ཐག ཨིན། ཨིན། ཨིན།
སྣུམ་འཁོར་སྤར་མ་བཅུག་མི། ཨིན། ཨིན། ཨིན།
ཨའི་པི། བེཇ་ཊེན། བེཇ་ཊེན། བེཇ།
འགྲུལ་འཕྲིན་གློག་གསོ། ཨིན། ཨིན། ཨིན།

ཚོང་མགྲོན་པ་འཚོལ་མཁན།

སྣུམ་འཁོར་གཏང་ཐངས་བརྟག་དཔྱད་ཀྱི་ཐོ་བཀོད